༄༅། །དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མིའི་ས་བོན། ༼འོས་མི་ ༡༠ འདམ།༽
གཤམ་གསལ་རྣམས་དོ་བདག་ནས་སྤྱི་འཐུས་ལ་བཞེངས་རྒྱུའི་ཐུགས་འདོད་ཡོད་པ་དང་མི་མང་ནས་རྒྱབ་བསྐྱོར་མངོན་འདོད་ཡོད་པའི་མཚན་ཡིན།
དབུས་གཙང་ཆོལ་ཁའི་སྤྱི་འཐུས་དཔུས་ལེགས་འདེམ་དགོས་པ་ནི་ད་ལྟའི་སྤྱི་ཚོགས་འཁྲུགས་ཟིངས་འདི་ཞི་འཇམ་ཡོང་སླད་ཙམ་མིན་པ་ལྷག་པར་དུ་དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་ནུས་པ་གོང་འཕེལ་ཡོང་བའི་ཆེད་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། དེ་ཡང་འདེས་སྔ་འབྱུང་བ་དང་མ་འོང་དུ་འང་སླེབས་སྲིད་པའི་སྤྱི་འཐུས་སྨྱོན་པ་ཁ་ཤས་ནས་སྤྱི་ཚོགས་མ་དཀྲུག་གོང་འབུར་འཇོམ་གཏོང་ཐུབ་པའི་སྤྱི་འཐུས་གང་མང་དགོས།
ཁྱེད་ཅག་དབུས་གཙང་པ་ཞིག་ཡིན་ཙང་མ་འོངས་བོད་ཀྱི་མདུན་ལམ་ལ་བསམ་ནས་སྤྱི་འཐུས་འདེམས་སྐབས་སམས་བློ་གང་ཡག་བཏང་རོགས། ཁ་ནང་ལ་མཛུབ་མོ་འཇུག་ནས་མ་སྡོད་རོགས།

💡 ཐུགས་སྣང་། ཁྱེ་རང་འོད་མི་ ༡༠ ལ་འོད་ཤོག་ཕེན་ཆོགས་པ་རེད། སོང་ཙང་བྱུང་ན་འོད་མི་ ༡༠ དེ་མིན་ཉུང་ཐར་འོད་མི་ ༦ འདེམ་རོགས་གནང་། ཡང་ཁྱེད་ཀྱི་གོང་པར་སོ་སོའི་དགའ་ཆོགས་འོད་མི་གཅིག་པུར་འོད་ཕེན་ན་དེ་ཐོབ་བོ་བསམ་ན་ནོར་འཁྲུལ་རེད། དེ་དྲ་གནང་ན་ང་ཚོ་དབུས་ཙང་ཆོལ་ཁའི་ཡོད་མི་ཡག་ག་རྣམས་ལྷག་སྲིད། རྗེས་སུ་འགྱོད་དགོས་བྱུང་ན་རང་གི་ཐོད་པར་ཐལ་བ་བསྐུས།
དབུས་གཙང་སྤྱི་འཐུས་འོས་མི།

མིང་། ཟླ་བ་ཚེ་རིང་།
སྡོད་གནས། རྡ་ས།
ཕ་ཡུལ། དིང་རི་ར་ཆུ།
ལས་གནས། སྤྱི་འཐུས་ལས་ཐོག

མིང་། སྒྲོལ་མ་ཚེ་རིང་།
སྡོད་གནས། རྡ་ས།
ཕ་ཡུལ། བྲག་སྣེ།
ལས་གནས། སྤྱི་འཐུས་ལས་ཐོག

མིང་། ཟླ་བ་ཕུན་སྐྱིད།
སྡོད་གནས། རྡ་ས།
ཕ་ཡུལ། གམ་པ།
ལས་གནས། སྤྱི་འཐུས་ལས་ཐོག

མིང་། བྱམས་པ་ཆོས་འཕེལ།
སྡོད་གནས། རྡ་ས།
ཕ་ཡུལ། ལྷོ་ཁ།
ལས་གནས།དབུས་གཙང་ཚོགས་གཙོ།

མིང་། མི་འགྱུར་རྡོ་རྗེ།
སྡོད་གནས། རྡ་ས།
ཕ་ཡུལ། མངའ་རི།
ལས་གནས། སྤྱི་འཐུས་ལས་ཐོག

མིང་། བཅོ་ལྔ་ཚེ་རིང་།
སྡོད་གནས། ལྡི་ལི།
ཕ་ཡུལ། པདྨ་བཀོད།
ལས་གནས། པདྨ་བཀོད་པའི་ཚོགས་གཙོ།

མིང་། སོག་སྟོད་དངོས་གྲུབ་རྡོ་རྗེ།
སྡོད་གནས། རྡ་ས།
ཕ་ཡུལ། སོག་སྟོད་གསེར་ལེབ།
ལས་གནས། དོན་གཅོད་ཟུར་པ།

མིང་། ཟླ་བ་ཚེ་རིང་།
སྡོད་གནས། རྡ་ས།
ཕ་ཡུལ། གཙང་ལྷ་རྩེ།
ལས་གནས། དབུས་གཙང་རྒྱུན་ལས།

མིང་། བྱང་པ་རིག་འཛིན་ལྷུན་གྲུབ།
སྡོད་གནས། བེང་ལོར།
ཕ་ཡུལ། ངམ་རིང་།
ལས་གནས། དབུ་མའི་ལམ་དབུས་རྒྱུན།

མིང་། ཨཅརྱ་བློ་བཟང་རྒྱལ་མཚན།
སྡོད་གནས། གོ་པལ་པུར།
ཕ་ཡུལ། ལྷོ་ཁ།
ལས་གནས། གཞི་རིམ་གོང་མའི་སློབ་དགེ།

མིང་། བློ་བཟང་རྒྱ་མཚོ་སྲི་ཐར།
སྡོད་གནས། རྡ་ས།
ཕ་ཡུལ། སྐྱིད་གྲོང་།
ལས་གནས། བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན།

མིང་། སྤེན་པ་ཚེ་རིང་།
སྡོད་གནས། མ་སུ་རི།
ཕ་ཡུལ། སྟོད་ལུང་།
ལས་གནས། མ་སུ་རི་བོད་ཁྱིམ་འཛིན་སྐྱོང་ལས་དྲུང་།

མིང་། བྱ་ཉལ་ཚེ་རིང་ལྷ་སྐྱབས།
སྡོད་གནས། སྦེལ་ཀོབ།
ཕ་ཡུལ། གཙང་ཉིང་རུ།
ལས་གནས། སྦེལ་ཀོབ་གཞོན་ནུའི་ཚོགས་གཙོ།

མིང་། དྲུང་འཚོ་ཚེ་རིང་ཐག་གཅོད།
སྡོད་གནས། རྡ་ས།
ཕ་ཡུལ། ཕ་དྲུག
ལས་གནས། དབུས་གཙང་དབུས་རྒྱུན།

མིང་། བསོད་ནམས་ཚེ་རིང་།
སྡོད་གནས། བོད་ཁྱིམ།
ཕ་ཡུལ། འབོང་པ།
ལས་གནས། ཨཱ་ཅཱརྱ་དང་། དགེ་འོས།

མིང་། ནང་གོང་བསོད་ནམས་སྟོབས་རྒྱལ།
སྐྱེས་ཡུལ། བདེ་སྐྱིད་གླིང་གཞིས་སྒར།
ཕ་ཡུལ། ལྷོ་ཁ།
ལས་གནས། གོ་པལ་པུར་སློབ་གྲྭའི་བོད་དགེ
ནང་གོང་བསོད་ནམས་སྟོབས་རྒྱལ་གྱི་་སྒྲ་སྒམ།

མིང་། བློ་བཟང་བསམ་འགྲུབ།
སྡོད་གནས། སེར་བྱེས་ཧར་གདོང་ཁང་ཚན།
ཕ་ཡུལ། བོད་བྱང་ཐང་ནག་ཆུའི་ཨ་མདོ།
ལས་གནས། སློབ་གཉེར་བ།

མིང་། ངག་དབང་བློ་གྲོས།
སྡོད་གནས། སྦེལ་ཀོབ།
ཕ་ཡུལ། རྒྱལ་རྩེ།
ལས་གནས། སྨན་པ།

མིང་། ཚེ་རིང་སྲི་བརྟན།
སྡོད་གནས། བལ་ཡུལ།
ཕ་ཡུལ། ལེགས་རྩེ།
ལས་གནས། རྒྱལ་སྤྱིའི་དབུ་མའི་ལམ་གྱི་དབུས་རྒྱུན།

མིང་། ཚེ་རིང་དབྱངས་ཅན།
སྡོད་གནས། སྦེལ་ཀོབ།
ཕ་ཡུལ། རྫོང་དཀར།
ལས་གནས། ཕྱི་དྲིལ་ལས་ཟུར།

མིང་། བསྟན་འཛིན་ཆོས་འཛིན།
སྡོད་གནས། རྡ་ས།
ཕ་ཡུལ། མལ་གྲོ་གུང་དཀར།
ལས་གནས། བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་ཟུར་པ།

མིང་། དཀོན་མཆོག་ཚེ་རིང་།
སྡོད་གནས། སིམ་ལ།
ཕ་ཡུལ། ངམ་རིང་།
ལས་གནས། ཚོང་པ་ཚོགས་པའི་དྲུང་ཆེ་ཟུར་པ།

མིང་། བསྟན་འཛིན་འགྱུར་མེད།
སྡོད་གནས། མོན་གྷོ།
ཕ་ཡུལ། མངའ་རི།
ལས་གནས། སྤས་གནས་མཉམ་དྲུང་ཟུར་པ།

མིང་། བསྟན་འཛིན་མིག་ཡངས་སྣ་ཚབ།
སྡོད་གནས། ལྡེ་ར་དུན།
ཕ་ཡུལ། ཀོང་པོ།
ལས་གནས། ཁྲིམས་རྩོད་པ།
༄༅། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ཐུགས་སྣང་ལམ་སྟོན།
དབུས་འོས་བསྡུ་ལས་ཁང་གིས་གཏན་འབེབས་གཞི་བཟུང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་ཤོག་འཕེན་དུས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ དང་། དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་ཡིན།
འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤ ནང་གསེས་ ༢ ནང་གསལ་འོས་ཤོག་རྩིས་མེད་གཏོང་ཡུལ་ཁག་གཤམ་གསལ།
ཀ འོས་ཤོག་སྟེང་དུ་སུ་ཡིན་ངོས་འཛིན་ཐུབ་པའི་རྟགས་སམ་མིང་འཁོད་པ།
ཁ། འོས་ཤོག་སྟེང་བྲིས་སུབ་བྱས་པ། ༼འོས་ཤོག་སྟེང་བྲིས་སུབ་བྱས་ཡོད་ཚེ་འོས་ཤོག་ཆ་ཚང་རྩིས་མེད་གཏོང་རྒྱུ ༽
ག འོས་འདེམས་སུར་བྱས་པར་རྒྱབ་སྟེ་སྦྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་རིགས།
ང་། འོས་འདེམས་སུར་བྱས་མིང་དང་། འོས་ཐམ་མ་གསལ་བ།
ཅ། ཐོབ་ཁུངས་ཀྱི་གྲངས་ཚད་ལས་བརྒལ་བའི་མིང་དང་འོས་རྟགས་རྒྱབ་པ།
ཆ། འོས་འདེམས་སུར་བྱས་ངོས་འཛིན་མི་ཐུབ་པའི་མིང་དང་། འོས་ཐམ་རྒྱབ་པ།
ཇ། སྔོན་འགྲོའི་སྐབས་འོས་མི་ངོས་རྟགས་ཆོད་པའི་ཁུངས་སྐྱེལ་ཁ་གསལ་མེད་པ།
ཉ། དངོས་གཞིའེ་སྐབས་འོས་ཤོག་ནང་མ་གསལ་བའི་རང་མོས་འོས་གཞིའི་མིང་བཀོད་རིགས།
ཏ། འོས་ཤོག་ངོ་མ་མིན་པའི་དོགས་གནས་ཅན་རིགས།